|
ཁམས་སྐད་གི་ཁ་བརྡ། ཟ་ཁང་གི་ཞབས་འདེགས་མ་གཅིག་དང་མགྲོན་པོ་མཉམ་དུ་སྐད་ཆ་བཤད་བ་ཡིན།
A Kham dialogue. A waiter and a customer are talking together in a restaurant.
དཀར་ཆག Contents
༡ ཚིག་གསར། New words
༢ ཁ་བརྡ། Dialogue
༣ བསྐྱར་སྦྱོང་། Exercises
༤ ལེགས་སྐྱེས་འབུལ་མཁན་གྱི་རེའུ་མིག List of Contributors
༡ ཚིག་གསར། New words
|
ཚལ་ཐོ། menu |
བཙོང་། buy |
ཤེལ་དམ། bottle |
|
ཐུག་པ། noodles |
ཞོ་བསྙལ། make yogurt |
འཛིན་ཡིག bill |
|
ཕོར་བ། bowl |
ཞོག་ཁོག་མོག་མོག potato momo |
མགྲོན་པོ། customer |
|
སེ་པན། chili |
པི་ཆང་ beer |
|
|
ད་རུང་གཞན་དག་ཨེ་དགོས། Anything else? |
དོ། two |
|
༢ ཁ་བརྡ། Dialogue
ཟ་ཁང་གི་ཞབས་འདེགས་མ་གཅིག་དང་མགྲོན་པོ་མཉམ་དུ་སྐད་ཆ་བཤད་བ་ཡིན།
A waiter and a customer are talking together in a restaurant.
ཀ དགའ་བསུ་ཞུ། ཁྱོད་ཚོ་མི་ག་ཚད་ཡོད།
ཁ། ང་ཚོ་མི་གསུམ་ཡོད། ང་ཚོ་ཨི་ན་སྡོད་ཨེ་ཆོག
ཀ ཆོག ཟ་མ་ཅི་ཟ་ལེ་ཡིན།
ཁ། ཟ་མ་ཞིམ་པོ་ཟ་ལེ་ཡིན། ངར་ཁ་ཚལ་ཐོ་སྟོན་གནང་རོགས།
ཀ འདི་ང་ཚོའི་ཁ་ཚལ་ཐོ་རེད།
ཁ། བཀའ་དྲིན་ཆེ། ཁྱོད་ཀྱིས་ཟེར་ན་གང་དེ་ཞིམ་པོ་རེད།
ཀ མི་མང་པོས་གིས་ང་ཚོའི་ཐུག་པ་ཞིམ་པོ་རེད་ཟེར།
ཁ། འོ་ཡ། ཐུག་པ་ཕུར་རུ་གསུམ་དགོས།
ཀ ཁྱོད་ཚོས་ཤ་ཟ་བ་ཨེ་ཡིན།
ཁ། ཁོ་མོ་ཤ་ཟ་བ་མ་རེད། ཡིན་ན་ཡང་ངེད་གཉིས་ཤ་ཟ་གི་ཡིན།
ཀ སི་པན་ཨེ་དགོས།
ཁ། སི་པན་རྫས་ཚད་དགོས།
ཀ ད་རུང་གཞན་དག་ཨེ་དགོས།
ཁ། དགོས། ཁྱོད་ཀྱི་ཟ་ཁང་ལ་ཞོ་བཙོང་རྒྱུ་ཨེ་ཡོད།
ཀ ཡོད།
ཁ། ཁྱོད་ཀྱི་ཞོ་གང་ནས་འོངས་ཟིན་རེད།
ཀ འདི་ས་གང་གི་ཞོ་རེད།
ཁ། དེ་ན་ཁྱོད་ཚོ་ལ་ཞོ་ཁོག ཁྱོད་ཚོ་ཡང་ཞོག་ཁོག་མོག་མོག་ཨེ་ཡོད།
ཀ ཡོད།
ཁ། དེ་ན། ཤེལ་དམ་དོ་ཁར་འོངས་རོགས།
ཀ ཁྱོད་ཚོ་ཅི་འཐུང་ལེ་ཡིན།
ཁ། ཇ་ནག་འཐུང་ལེ་ཡིན། ང་ཚོ་ལ་པི་ཆང་ཤེལ་དམ་དོ་ཁར་འོངས་རོགས།
ཀ འོ་ཡ།
ཟ་མ་ཟས་རྗེས།
ཁ། ཁྱོད་ཚོའི་ཟ་མ་ཞིམ་པོ་རེད། བཀའ་དྲིན་ཆེ། འཛིན་ཡིག་ཨེ་ཡོད།
ཀ སྒོར་མོ་བདུན་བཅུ་དོན་བདུན་རེད།
ཁ། འོ་ཡ། ད་ཚེ་རིང།
ཀ ག་ལེ་ཕེབས།
༣ བསྐྱར་སྦྱོང་། Exercises
༡ དྲི་བ་འདི་དག་གི་ཡང་དག་པའི་དྲིས་ལན་འདེམས།
Choose the best answers for these questions.
1. མགྲོན་པོ་ག་ཚད་ཡོད།
༡ ༣ ༤ ༢
2. ཁོ་ཚོ་ཚང་མ་ཟ་མ་ཅི་ཟ་ལེ་རེད།
ཐུག་པ་དང་ཞོ། སི་པན་མང་པོ་དང་ཞོག་ཁོག་མོག་མོག ཐུག་པ་དང་ཤ། ཤ་མོག་མོག་དང་ཞོག་ཁོག་མོག་མོག
3. མགྲོན་པོ་ཚོ་ལ་པི་ཆང་ཤེལ་དམ་ག་ཚད་དགོས།
པི་ཆང་མ་འཐུང་། ཇ་ནག ཤེལ་དམ་གཅིག་དགོས། ཤེལ་དམ་མང་པོ་འཐུང་དགོས། ཤེལ་དམ་དོ་དགོས།
4. ཁོ་ཚོའི་ཟ་མ་སྒོར་མོ་དུ་རེད།
༧༧ ༡༧ ༧༠ ༧༠༧
༢ Put these words in the blanks below ཐ་སྙད་འདི་དག་གིས་གཤམ་གྱི་སྟོང་ཆ་སྐོངས།:
ངར ང རེད ཡོད ཡིན གི ཀྱི གིས
ཀ ཟ་མ་ཅི་ཟ་ལེ་ །
ཁ། ཟ་མ་ཞིམ་པོ་ཟ་ལེ་ ། ་ཁ་ལག་གི་ཐོ་སྟོན་གནང་རོགས།
ཀ འདི་ང་ཚོའི་ཁ་ལག་གི་ཐོ་ །
ཁ། བཀའ་དྲིན་ཆེ། ཁྱོད་ཀྱིས་ཟེར་ན་གང་དེ་ཞིམ་པོ་ །
ཀ མི་མང་པོས་ ་ང་ཚོའི་ཐུགཐ་པ་ཞིམ་པོ་ ་ཟེར།
ཁ། འོ་ཡ། ཐུག་པ་ཕུར་རུ་གསུམ་དགོས།
ཀ ཁྱོད་ཚོས་ཤ་ཟ་བ་ཨེ་ །
ཁ། ཁོ་མོ་ཤ་ཟ་བ་མ་རེད། ཡིན་ན་ཡང་ངེད་གཉིས་ཤ་ཟ་གི་ །
ཀ ད་རུང་གཞན་དག་ཨེ་དགོས།
ཁ། དགོས། ཁྱོད་ ་ཟ་ཁང་ལ་ཞོ་བཙོང་རྒྱུ་ཨེ་ །
ཀ ཡོད།
ཁ། ཁྱོད་ ་ཞོ་གང་ནས་འོངས་ཟིན་ །
ཀ འདི་ས་གང་གི་ཞོ་ །
ཁ། དེ་ན་ཁྱོད་ཚོ་ལ་ཞོ་ཁོག ཁྱོད་ཚོ་ཡང་ཞོག་ཁོག་མོག་མོག་ཨེ་ཡོད།
ཀ ཡོད།
ཁ། དེ་ན། ཤེལ་དམ་དོ་ཁར་འོངས་རོགས།
ཀ ཁྱོད་ཚོ་ཅི་འཐུང་ལེ་ །
ཁ། ཇ་ནག་འཐུང་ལེ་ ། ་ཚོ་ལ་པི་ཆང་ཤེལ་དམ་དོ་ཁར་འོངས་རོགས།
༣ གཤམ་གྱི་དྲི་བ་དག་ལ་ལན་འབྲི་དགོས།
Write answers to these questions.
1. མི་མང་པོས་ཅི་ཟེར་བ་རེད།
2. ཁོ་གསུམ་སི་པན་མང་པོ་ལ་ཨེ་དགའ།
3. ཞོ་སུས་བསྙལ་ལེ་ཡིན།
4. ཁོ་གསུམ་ཟ་ཁང་དེའི་ཟ་མ་ལ་ཨི་དགའ།
5. ཁྱོད་བོད་ཀྱི་ཟ་ཁང་ནང་གི་ཟ་མ་ཅི་ལ་དགའ།
༤ དུམ་ཚན་༣་ལ་ཕལ་ཆེར་ལན་ཐོབ་སྲིད།
Possible answers in part 3.
1. མི་མང་པོ་གིས་ཟ་ཁང་ཡི་ཐུག་པ་ཞིམ་པོ་རེད་ཟེར།
2. མང་པོས་ལ་མི་དགའ། སི་པན་ཅུང་ཙམ་དགའ།
3. ཟ་ཁང་གི་མིས་བསྙལ་ལེ་རེད།
4. ཁོ་གསུམ་ཟ་ཁང་དེའི་ཟ་མ་ལ་དགའ།
5. ང་བོད་ཀྱི་ཐུག་པ་དང་ཞོག་ཁོག་མོག་མོག་ལ་དགའ།
༤ List of Contributors ལེགས་སྐྱེས་འབུལ་མཁན་གྱི་རེའུ་མིག
|
Tibetan Name བོད་ཀྱི་མིང་། |
English Name དབྱིན་གྱི་མིང་། |
Activity བྱེད་སྒོ། |
|
ཚེ་རིང་མཁའ་འགྲོ |
Tsering Kandro |
Edited dialogue, 05/2009 |
|
བཀྲ་ཤིས་བཟང་པོ། |
Jon Lambert |
Wrote dialogue, 05/2009
and made language exercises, 03/2010 |
|
ཕུན་ཚོགས་བཀྲ་ཤིས། |
Peter |
Helped edit language exercises. |
|
རིག་འཛིན་ནོར་བུ། |
Rinzin Norbu |
Helped edit language exercises. |
|
རྡོ་རྗེ་གཅོད་པ། |
Ra Ge |
Helped edit language exercises. |
|
ཚེ་རིང་དོན་གྲུབ། |
Tsering Dundup |
Helped edit language exercises. |
|
དགེ་འདུན་རྒྱ་མཚོ། |
Genden Jamtso |
Helped edit language exercises. |
|
པད་མ་ཚེ་རིང་། |
Pema Tsering |
Helped edit language exercises and dialogue. |
|